肿瘤防治宣传周
ཕོ་འབྲས།
ཕོ་འབྲས་ཀྱི་ནད་ཟེར་བ་ནི་འགྲམས་འཁྲུགས་དྭངས་མ་མ་སྨིན་པ་སོགས་ཀྱི་དབང་གིས་ལུས་ལ་ངན་ཁྲག་རྒྱས་པ་རྩ་མིག་བརྒྱུད་ནས་ཕོ་བའི་གནས་སུ་ཤིང་བེ་དོའི་འབྲས་བུ་ལྟར་སྲ་ཞིང་མཁྲེགས་པའི་གོང་བུར་བསྒྲིལ་བའི་ནད་དེས་ཕོ་བའི་འཛུལ་སྒོ་དང་དོན་སྒོ། རྫེམས་བཅས་སུ་རྨ་ངན་འདྲིལ་བས་ཟས་སྐོམ་མི་ཐར་བར་ལུས་ཟུངས་བྲི་བའི་ནད་ཅིག་ཡིན།
胃癌
胃癌是起源于胃黏膜上皮的恶性肿瘤,在我国各种恶性肿瘤中发病率居首位。由于饮食结构的改变、工作压力增大以及幽门螺杆菌的感染等原因,使得胃癌呈现年轻化倾向。胃癌可发生于胃的任何部位,其中半数以上发生于胃窦部,胃大弯、胃小弯及前后壁均可受累。绝大多数胃癌属于腺癌,早期无明显症状,或出现上腹不适、嗳气等非特异性症状,常与胃炎、胃溃疡等胃慢性疾病症状相似,易被忽略,因此,目前胃癌的早期诊断率仍然较低。
ཕོ་འབྲས་ཀྱི་ནད་རྟགས།
胃癌症状
མིད་འབྲས།
མིད་འབྲས་ཞེས་པ་ནི་ནི་ལུས་ཀྱི་མེ་དྲོད་ཉམས་ནས་བད་ཀན་རླངས་པ་མིད་པར་ཆགས་པའམ་མིད་པའི་རྩི་ཟད་ནས་མིད་པ་ནས་ཕོ་བའི་འབྲེལ་མཚམས་ཀྱི་གནས་གང་རུང་དུ་རྨ་རྙིང་ཡུན་དུ་ལུས་ཏེ་ངན་ཁྲག་རྒྱས་ཤིང་འདྲིལ་པས་བསྐྱེད་པའི་ཟས་སྐོམ་མི་ཐར་བའི་ནད་ཅིག་ཡིན་ལ། སྤྱིར་བཏང་དུ་ཕོ་བ་དང་མིད་པའི་འབྲེལ་མཚམས་སུ་འབྱུང་བ་ཤིན་ཏུ་མང་།
食道癌
食道癌是常见的消化道恶性肿瘤,亚洲人群发病率较高,我国是世界上食管癌高发地区之一,男性多于女性,发病年龄以60-65岁最为高发。典型症状为进行性吞咽困难,先是对固体物质吞咽困难,继而是半流质食物吞咽困难,最后出现水、牛奶等流质食物吞咽困难。
མིད་འབྲས་ཀྱི་ནད་རྟགས།
རྒྱུད་ལས། བད་གན་མགུལ་འགགས་ཞེས་པ་ཕོ་བ་དང་།། བྲང་དང་གློ་བར་བད་ཀན་རྒྱས་པ་ཡིས།། བད་ཀན་རླངས་པ་གློ་ཡུ་མིད་པར་ཆགས།། དཔེར་ན་དོང་བའི་ལོགས་ལ་ཟོ་ཆགས་འདྲ།། དེས་རྐྱེན་མིད་པ་འཆུས་ནས་ཟས་མིད་དཀའ།། དབུགས་རྔུབ་མི་བདེ་ཤ་སྐམ་ལུས་སྟོབས་འཆོར།། ཟས་སྐོམ་མེད་པས་ཕོ་བ་ཆ་ནས་རུབ།། མཇུག་ཏུ་མིད་པ་འགགས་ནས་འཆི་བ་ཡིན།། ཅེས་པ་ལྟར་ཐོག་མར་འབྱུང་དུས་མང་ཆེ་བར་ནད་རྟགས་གསལ་བོ་མེད་པ་དང་ལ་ལར་མིད་པ་མི་བདེ་བ་དང་དངོས་པོ་ཡོད་སྙམ་སེམས་པ། བྲང་ཚ་ཞིང་གྱོང་བོའི་ཟས་སོགས་བསྟེན་སྐབས་མིད་པར་ཐོག་སྙམ་བྱེད་པའི་རྟགས་མངོན་པ།
བར་དུ་མཁྲེགས་པོ་དང་གྱོང་བོའི་ཟས་རིགས་བསྟེན་ན་མི་ཐར་བར་སྐྱུགས་པ་དང་ལུས་ཟུངས་ཟད་པ། ལུས་ཤུགས་ཉམས་པ། རོ་སྟོད་བྲང་རྒྱབ་གཟེར་ཞིང་བྲང་ཚ་བ་སོགས་ཀྱི་རྟགས་འབྱུང་།
ཐ་མའི་དུས་སུ་ཟས་སྐོམ་ཅི་ཟོས་སྐྱུགས་པ་དང་ལུས་ཤ་རིད་པ། ཆུ་སྐྱུར་དང་ཝུ་སོབ་ཅན། སྐབས་སུ་ཁྲག་དང་འདྲེས་བར་སྐྱུགས་པའི་རྟགས་འབྱུང་བ་ཡིན།
食道癌的症状
食道癌的症状与疾病的进程有一定关系,早期可无明显症状,或在进食时有哽噎感、胸骨后异物感;中晚期则表现为进行性吞咽困难、持续性胸骨后疼痛或背痛、明显消瘦。
འབྲས་ནད་ཀྱི་སྔོན་འགོག.
ཚ་སྐྱུར་དང་སྣུམ་བཅུད། བཙོ་བསྲེགས་བྱས་པའི་ཟས་སྐོམ་མི་བསྟེན་པར་གསར་བཅུད་འཇུ་སླ་བའི་རིགས་བསྟེན་པ། ལུས་སྦྱོང་བྱེད་པ་ལ་སོགས་རྩོལ་བཅག་རན་ཙམ་བྱེད་པ་དང་འབྲས་ནད་སྐྱེད་པའི་རྫས་དང་ཐུག་རེག་མི་བྱེད་པ། ལས་ཀའི་བར་ནས་འོས་འཚམ་གྱི་ངལ་གསོ་བྱེད་པ། ནད་བྱུང་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་པ། ལུས་པོར་བརྟག་དཔྱད་བྱེད་པ་བཅས་རྒྱུན་འཁྱོངས་བྱ་ཐུབ་ན་འབྲས་ནད་མི་འབྱུང་བ་ཡོད་དོ།།
预防癌症
在工作中避免致癌物,如采取预防措施,以防止接触有毒化学品,减少辐射暴露等。戒除不良嗜好,不要吸烟、喝酒。在饮食中增加蔬菜、水果、谷物等含量,不要吃油腻、腌制、熏烤类食物。早睡早起,保证休息,避免内分泌失调。在生活中注意休息、适当运动。及时治疗炎症、病毒感染等疾病,避免异物刺激等。定期体检,有癌症家族史或肿瘤相关前期病变者,尤其要提高警惕。